【汉藏双文】武玉嶂、白加扎西深入玛沁县大武乡格多村调研
分类:果洛新闻

  ༄༅། །བུའུ་ཡུས་ཀྲང་དང་པད་རྒྱལ་བཀྲ་ཤིས་གཉིས་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་གྱི་དགུ་སྟོད་སྡེ་བར་བརྟག་ཞིབ་གནང་བར་ཕེབས་པ།

  武玉嶂、白加扎西深入玛沁县大武乡格多村调研

  ཟླ ༦ ཚེས ༡༢ ཉིན། ཁུལ་ཨུའི་ཧྲུའུ་ཅི་བུའུ་ཡུས་ཀྲང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་པད་རྒྱལ་བཀྲ་ཤིས་གཉིས་དགུ་སྟོད་སྡེ་བར་བསྐྱོད་དེ་དབུལ་ཐར་འགག་སྒྲོལ་སོགས་ཀྱི་གཙོ་གནད་ལས་དོན་ལ་བརྟག་ཞིབ་གནང་ཞིང་། འོད་ཤུགས་དབུལ་སྐྱོར་ཐོན་ལས་རྣམ་གྲངས་འཛུགས་སྐྲུན་གནས་ཚུལ་ལ་ཡུལ་དངོས་ཞིབ་བཤེར་གནང་། དགུ་སྟོད་སྡེ་བའི་འབྲོག་ཁུལ་གསར་བ་འཛུགས་སྐྲུན་དང་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་གཟན་རྩྭའི་རྟེན་གཞིའི་དོ་དམ་གཉེར་སྐྱོང་དང་ཁེ་སྤོགས་བགོ་བཤའི་གནས་ཚུལ་ལ་རྒྱུས་ལོན་བྱས།

  6月12日,州委书记武玉嶂,州委副书记、州长白加扎西前往格多村调研脱贫攻坚等重点工作,实地检查光伏扶贫产业项目建设情况,了解格多村新牧区建设、生态畜牧业专业合作社饲草基地管理运营和收益分红情况。

【汉藏双文】武玉嶂、白加扎西深入玛沁县大武乡格多村调研

  མགོ་ལོག་ཁུལ་གྱི་འོད་ཤུགས་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ལ་བརྟག་ཞིབ་གནང་སྐབས། བུའུ་ཡུས་ཀྲང་གིས་ནན་གྱིས་བསྟན་དོན། དབུལ་སྐྱོར་རྣམ་གྲངས་ནི་དམངས་འཚོའི་ལས་གཞི་ཡིན་ལ། ཁུལ་ཡོངས་ཀྱི་རྒྱ་ཆེ་དབུལ་བོ་མང་ཚོགས་དབུལ་ཐར་གྱི་དོན་ཆེན་དང་འབྲེལ་བ་ཡོད་པས། ཧ་རེ་ཧུ་རེ་གཏན་ནས་བྱེད་མི་རུང་ལ་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་། དུས་ནམ་ཡང་འགན་འཁྲི་ལྗིད་མོ་འཁུར་ཡོད་པ་སེམས་སུ་བཟུང་ནས། སེམས་ནུས་ཡོད་དགུས་རྣམ་གྲངས་འཛུགས་སྐྲུན་ཡག་པོ་བྱེད་དགོས། སྤུས་ཚད་ནན་མོར་བཟུང་བ། མཐོ་སྒང་གི་གནམ་གཤིས་ཆ་རྐྱེན་དང་ལས་ཀའི་ཁོར་ཡུག་ལ་བསམ་གཞིགས་གང་ལེགས་བྱས་ཤིང་། རྒྱུ་ཆ་སྤྱོད་སྐབས་མ་གནས་ཚོད་འཛིན་ཡག་པོ་བྱེད་དགོས་ལ། ད་དུང་ལེགས་གྲས་ནང་གི་ལེགས་གྲས་བདམས་ཏེ་དབུལ་སྐྱོར་རྣམ་གྲངས་མ་དངུལ་དེ་མཁོ་གལ་ཆེ་སར་སྤྱོད་དགོས། མྱུར་ཚད་འགན་ལེན་བྱེད་པ། དབུལ་སྐྱོར་ཐོན་ལས་ཀྱི་མ་འཇོག་ཉིན་གཅིག་གི་སྔ་ན། མང་ཚོགས་ལ་ཉིན་གཅིག་གི་སྔོན་དུ་ཕན་འབྲས་ཐོབ་ཐུབ་པས། གཟབ་ནན་གྱིས་བཟོ་སྐྲུན་དུས་བཅད་ནང་ལྟར། བཟོ་སྐྲུན་སྟོབས་ཤུགས་སྒྲིག་འཛུགས་ཡག་པོ་དང་། ཚན་རིག་ལ་མཐུན་པའི་སྒོ་ནས་བཟོ་སྐྲུན་བྱས་ཏེ། རྣམ་གྲངས་དུས་ལྟར་ལེགས་གྲུབ་ཐུབ་པར་འགན་ལེན་བྱེད་དགོས་པར་བསྟན། པད་རྒྱལ་བཀྲ་ཤིས་ཀྱིས་བླང་བྱ་བཏོན་པ། གཟབ་ནན་སྒོས་རྣམ་གྲངས་བཟོ་སྐྲུན་དོ་དམ་ལམ་ལུགས་དོན་འཁྱོལ་བྱས་ཏེ། སྔར་ལས་ལྷག་པར་རྣམ་གྲངས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས་ལ། ལས་གཞི་བཟོ་སྐྲུན་ལ་འགན་ལེན་ཡོད་པའི་སྔོན་འགྲོའི་ཆ་རྐྱེན་འོག སྔ་མོ་ནས་རྒྱལ་ཁབ་གློག་དྲ་སོགས་འབྲེལ་ཡོད་སྡེ་ཁག་ལ་མཐུན་སྦྱོར་འབྲེལ་བ་འཛུགས་པ་དང་། འཕྲུལ་ཚན་སྙོམ་སྒྲིག་ཚོད་ལྟ་དང་དྲ་སྦྲེལ་གློག་གཏོང་སོགས་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབས་ནས། རྣམ་གྲངས་དུས་བཅད་ལྟར་ཐོན་སྐྱེད་གཉེར་སྐྱོང་ཐུབ་པར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

  在果洛州光伏扶贫产业项目调研时,武玉嶂强调,扶贫项目是民生工程,事关全州广大贫困群众脱贫的大事,容不得一点马虎,更不能有一丝懈怠,要时刻谨记担负的重任,用心用力干好项目建设。要严把质量,充分考虑高原气候条件和工作环境,工程用料既要控制好成本,还要优中选优,把扶贫项目资金用在刀刃上。要保证进度,扶贫产业早一天投入,群众早一天收益,要严格按照施工期限,组织好施工力量,科学施工,确保项目如期完工。白加扎西要求,严格落实项目工程监理制度,进一步加强项目监管,在确保工程施工的前提下,提前与国家电网等相关部门沟通衔接,做好机组调试和并网发电等相关工作,确保项目能够如期实现投产运营。

【汉藏双文】武玉嶂、白加扎西深入玛沁县大武乡格多村调研

  དགུ་སྟོད་སྡེ་བར་བརྟག་ཞིབ་གནང་སྐབས། བུའུ་ཡུས་ཀྲང་གིས་ཞིབ་ཕྲའི་ངང་སྡེ་བའི"ཨུ་ལྷན་གཉིས"ཚན་ཁག་གིས་དབུལ་ཐར་འགག་སྒྲོལ་སྲིད་ཇུས་དོན་འཁྱོལ་དང་། "ནག་སེལ་ངན་འཇོམས"ཆེད་དོན་དམག་འཐབ་ཀྱི་མང་ཚོགས་སྐུལ་སློང་། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། སྡེ་བའི་ཏང་ཀྲུའུ་པུའུ་ཧྲུའུ་ཅི་སྟོབས་ལྡན་གྱིས་བཤད་རྒྱུ"ཉེ་བའི་ལོ་འདི་འགའི་རིང་། ཁུལ་རྫོང་ཏང་ཨུ་སྲིད་གཞུང་དང་རིམ་པ་ཁག་གི་མགོ་ཁྲིད། ལྷག་པར་དུ་ཧྲུའུ་ཅི་བུའུ་ཡུས་ཀྲང་གིས་ཐོག་མཐའ་བར་གསུམ་དུ་དགུ་སྟོད་སྡེ་བའི་འཕེལ་རྒྱས་ལ་ཐུགས་ཁུར་ལྟ་སྐྱོང་གནང་ཞིང་། ཐེངས་གང་མང་ལ་དབུལ་ཐར་འགག་སྒྲོལ་དང་། ཐོན་ལས་གསོ་འཕེལ། རྨང་གཞིའི་འཛུགས་སྐྲུན། ཡུལ་སྡེ་འཆར་འགོད་སོགས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་འབྲེལ་བ་ཡོད་པའི་དོན་ཆེན་ལ་ཡུལ་དངོས་བརྟག་ཞིབ་གནང་སྟེ། མང་ཚོགས་ཀྱི་ཐོན་སྐྱེད་འཕེལ་རྒྱས་དང་དབུལ་ཐར་འགག་སྒྲོལ་གྱི་ཧུར་བརྩོན་རང་བཞིན་ལ་སྐུལ་ཁྲིད་དང་སྐུལ་འདེད་བྱས་པ་ཡིན"ཟེར། བུའུ་ཡུས་ཀྲང་གིས་བསྟན་དོན། སྡེ་བའི"ཨུ་ལྷན་གཉིས"ཚན་ཁག་གིས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་ལ། ཚན་ཁག་གི་ཁོངས་མིས་མང་ཚོགས་ལ་སྣེ་ཁྲིད་དེ་སྐྱེ་ཁམས་སྲུང་སྐྱོང་དང་། ཐོན་ལས་འཕེལ་རྒྱས། དབུལ་ཐར་འགག་སྒྲོལ། མི་རིགས་མཐུན་སྒྲིལ། "ནག་སེལ་ངན་འཇོམས"བཅས་ཀྱི་འགན་འཁྲི་ཏན་ཏིག་གིས་ཁུར་ཏེ་སྣེ་ཁྲིད་དངོས་སྒྲུབ་བྱེད་དགོས། མང་ཚོགས་ཀྱི་བསམ་བློའི་སློབ་གསོར་ཁྲིད་སྟོན་ཡག་པོ་དང་། དབུལ་ཐར་འགག་སྒྲོལ་ཀྱི་ཁྲོད་དུ་མང་ཚོགས་སྐུལ་སློང་དང་རྩ་འཛུགས་ཡག་པོ་བྱས་ཏེ། ཧུར་བརྩོན་གྱིས་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས། འཕེལ་རྒྱས་སྤྱི་ཡོངས་འདུ་ཤེས་ཡོད་པ་དང་། སྡེ་ཤོག་རྐྱང་བའི་འཕེལ་རྒྱས་དེ་གྲོང་ཞང་གཅིག་གྱུར་ཅན་གྱི་ནང་དུ་བཅུག་སྟེ། ཞང་སྡེ་དར་རྒྱས་དང་ཁོངས་ཡོངས་གད་སྙིགས་མེད་པར་ཟུང་འབྲེལ་སྒོས། "སྤྲིན་ཚོམ་ཆེན་མོའི"ཡུལ་སྐོར་ར་བ་གཏོད་པའི་འཆར་འགོད་ཀྱི་ནང་དུ་དགུ་སྟོད་སྡེ་བའི་ངེས་གནས་ཡང་དག་པར་བཙལ་ཐུབ་དགོས་ལ། ཡུལ་སྡེའི་འཆར་འགོད་ཇུས་འགོད་དེ་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། ཆ་རྐྱེན་འདང་བའི་འབྲོག་ཁྱིམ་སྐོར་ཅིག་བདམས་ནས་སོས་དལ་འབྲོག་ལས་དང་ཁྱིམ་ཚང་ཡུལ་སྐོར། ཉེན་ཚོར་ཚོད་ལྟའི་ལྟེ་གནས་བཅས་འཕེལ་རྒྱས་སྒོས། མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་ལམ་རྒྱ་ཇེ་ཆེ་རུ་གཏོང་དགོས་པར་བསྟན། པད་རྒྱལ་བཀྲ་ཤིས་ཀྱིས་བསྟན་དོན། ཐོན་སྐྱེད་རྒྱུ་ཆ་བསྡུ་སྒྲིལ་བྱེད་པའི་ཐད་ལ་བྱེད་ཐབས་མང་ཙམ་བཏོན་ནས། ད་ཡོད་ཀྱི་གཟན་རྩྭའི་རྟེན་གཞི་དང་ཐོན་ལས་གསོ་སྤེལ་འཕེལ་རྒྱས་ཡག་པོ་བཏང་སྟེ། ངལ་རྩོལ་ནུས་ཤུགས་ལྷག་མར་རྩ་འཛུགས་ཀྱིས་ལས་ཞུགས་གཞན་སྒྱུར་བྱེད་དགོས། དངོས་གནས་དྲང་གནས་ཀྱིས་མང་ཚོགས་རྣམས་མཉམ་ལས་ཁང་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་དངོས་ཕན་གྱི་ནང་དུ་ཞུགས་པར་ཁྲིད་སྟོན་བྱས་ཏེ། མང་ཚོགས་ཀྱིས་སྲིད་ཇུས་ཕན་འབྲས་མཐོང་ཐུབ་པ་དང་། འཕེལ་རྒྱས་ཁེ་ཕན་སྤྱོད་ཐུབ་པའི་སྒོ་ནས། "ཡོང་སྒོའི་རྩིས་ཐོ"གསལ་ཞིང"ཐོན་ལས་ཚོང་རྟགས"ཡག་པོ་རྒྱག་པ་བཅས་ཀྱིས། མང་ཚོགས་ལ་སྣེ་ཁྲིད་དེ་ཡོང་སྒོ་འཕར་ནས་ཕྱུག་འགྱུར་ཡོང་དགོས་པར་བསྟན།

  在格多村调研时,武玉嶂仔细了解村“两委”班子开展脱贫攻坚政策落实、“扫黑除恶”专项斗争群众动员、生态畜牧业合作社发展等情况。村党支部书记多布旦谈到“近年来,州县党委政府和各级领导,特别是武玉嶂书记一直关心关注格多村发展,多次实地调研脱贫攻坚、培育产业、基础建设、村庄规划等事关群众生产生活的大事,带动和鼓舞着群众发展生产、脱贫攻坚的积极性。”武玉嶂指出,村“两委”班子要发挥好带头作用,班子成员要切实扛起带领群众保护生态、发展产业、脱贫攻坚、民族团结、“扫黑除恶”的责任,带头实干,做好群众思想教育引导,在脱贫攻坚中动员和组织好群众,努力把产业发展起来。要有发展的大局观,把单个村社的发展纳入到城乡一体化,结合乡村振兴、全域无垃圾,在打造“大云宝”旅游圈的规划中找准格多村的定位,完善村庄规划设计,选育一批条件成熟的牧户发展休闲牧业、家庭旅游和探险体验试点,拓宽群众增收渠道。白加扎西指出,要在整合生产要素上多想办法,发展好现有饲草基地和养殖产业,组织剩余劳动力转移就业,用实实在在的实惠引导群众参与到合作社建设和产业发展中,让群众看到政策实惠,享受到发展的红利,算清“收入账”、打好“产业牌”,带领群众增收致富。

【汉藏双文】武玉嶂、白加扎西深入玛沁县大武乡格多村调研

  ཐའོ་ཡུང་ལི་དང་། ཀྲང་བུན་ཆིན། ལྷ་དབང་ཚེ་བརྟན་སོགས་མགོ་ཁྲིད་དང་། དེ་བཞིན་དུ་རྨ་ཆེན་རྫོང་། ཁུལ་ཨུའི་གཞུང་ལས་ཁང་། ཁུལ་དབུལ་སྐྱོར་གསར་སྤེལ་ཅུས་སོགས་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་མཉམ་དུ་ཕེབས་པ་ཡིན།

  陶永利、张文庆、拉昂才旦等领导及玛沁县、州委办、州扶贫局等部门负责同志随同。

  

上一篇:中央宣传部等部门部署在全国城乡开展“最美奋斗者”学习宣传活动
下一篇:青海省果洛州:构建区域长治久安和谐环境
热门排行
精彩图文