中共玉树州委书记吴德军一线指挥要求
各部门主管:
指挥部的通告非常重要,各位同志一定要严格落实。我州春节期间外出人员十余万,均在疫区,如果都回来,后果难以设想。最理智的办法是暂不要回州,就地自行隔离观察,渡过这一段,确定无事后再回来。干部职工、商人等只要能保持运行就可,以静治动是上策。不要官僚主义,动不动全员到岗。能不来的别来,用手机办公,疫情是公开的,没有可保密的,人能不动就不动。
州内防控目前非常好,700多武汉等地学生等人员的管控非常好。宗教界也表现出了很高的境界,取消了全部的法会,避免了最大的人员聚集和危险,而且很多寺院发文配合党委广而告知,成为积极的力量,真棒。州县指挥系统逐渐攒上劲了,协调了,当然还要继续磨合,表现出合力协作的精气神,发出最佳劲道。所以我州内部基本是稳定的。
现在就是死守卡子了,我说的是严防死守,这件事以县为主,出事是负不起这个责任的,从谁的手里进来,谁就愧对父老乡亲!严防死守再说一遍!
目前还是有一些危险的人,就是近期返乡的人,这些人一是广泛要用手机等宣传主动登记,自行隔离;二是以乡镇街道为一层指挥单位,党支部为战斗堡垒,党员为骨干,广泛发动群众,联防联控联治。
有事我们办事,无事我们练兵。千万小心才能以防万一,各级主管要有互联网意识,互联一切,手机能办的就不要傻乎乎的开会发文了,这样又快又省力省钱。
吴德军
2020/01/29
ཀྲུང་གུང་ཡུས་ཧྲུའུ་ཁུལ་ཨུའི་ཧྲུའུ་ཅི་ཝོས་ཏུའུ་ཅུན་གྱིས་གནང་བའི་བཀོད་འདོམས་བླང་བྱ།
བཀོད་འདོམས་པུའུ་ཡི་བརྡ་ཁྱབ་ནི་ཧ་ཅང་གལ་ཆེན་ཡིན་ལ། བློ་མཐུན་ཚོས་ངེས་པར་དུ་ལག་བསྟར་དངོས་འབེབས་བྱ་དགོས། རང་ཁུལ་གྱི་མི་ཁྲི་བཅུ་ལྷག་ཅིག་ལོ་སར་སྐབས་སུ་ཕྱི་ཡུལ་དུ་ཕྱིན་ཡོད་པ་དང་། ཕལ་ཆེར་ནད་ཡམས་བྱུང་ཁུལ་དུ་ཡོད་པ་རེད། གལ་སྲིད་དེ་དག་ཕྱིར་ལོག་པའི་ཚེ་ན་མཇུག་འབྲས་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན། རང་གཞན་ཀུན་ལ་ཕན་པའི་ཐབས་ཀྱི་མཆོག་ནི་རང་ཉིད་ཁྱིམ་ནས་བསྡད་དེ་ལྟ་རྟོག་བྱ་རྒྱུ་དེ་ཡིན་ལ། དུས་སྐབས་འདི་འདས་ཏེ་གནད་དོན་ཅི་ཡང་མེད་ཚེ་ཕྱིར་ལོག་ཆོགལས་བྱེད་མང་ཚོགས་དང་ཚོང་གཉེར་བ་སོགས་ཀྱིས་བརྡ་འཕྲིན་ཤར་གཏོང་བྱ་ཐུབ་པས་ཆོག སེམས་ལྷོད་ལ་བབས་ནས་ནད་ཡམས་ཀྱི་གནས་ཚུལ་ལ་གདོང་གཏོད་དགོས། དཔོན་ཉམས་རིང་ལུགས་འདོར་དགོས་ཏེ། ཡིན་མིན་ཐག་མ་ཆོད་པར་ཚང་མ་ལས་གནས་སུ་ཐོན་པར་སྐུལ་སློང་བྱ་མི་ཆོག ལས་གནས་སུ་ཐོན་མི་ཐུབ་པ་རྣམས་ཀྱིས་ཁ་པར་བརྒྱུད་ནས་གཞུང་དོན་སྒྲུབ་ཆོག ནད་ཡམས་ཀྱི་གནས་ཚུལ་འདི་གསལ་བསྒྲགས་ཡིན་པས་གསང་དགོས་པའི་དོན་དག་ཅི་ཡང་མེད་ལ། དགོས་ངེས་མེད་ཚེ་སྐུལ་སློང་བྱེད་དགོས་དོན་མེད།
ཁུལ་མངའ་ཁོངས་ཀྱི་སྔོན་འགོག་ཚོད་འཛིན་གྱི་བྱ་བ་སྒྲུབ་ཚུལ་ད་ལྟ་ཧ་ཅང་ལེགས། ཝུའུ་ཧན་སོགས་ས་ཁུལ་གྱི་སློབ་མ་ལ་སོགས་དོ་དམ་བྱས་པ་ཤིན་ཏུ་བཟང་། ཆོས་ལུགས་པའི་སྡེ་ནས་མིག་དཔེའི་ནུས་པ་ཆེན་པོ་བཏོན་ནས་ཆོས་ལུགས་བྱེད་སྒོ་ཡོངས་སུ་མེད་པར་བཟོས་ནས་མི་ཚོགས་འདུ་བའི་ཉེན་ཁ་ལས་གཡོལ་བ་མ་ཟད། དགོན་སྡེ་མང་པོ་ཞིག་གིས་བརྡ་སྦྱོར་བཀྲམ་ནས་དགེ་མཚན་ལྡན་པའི་ནུས་པ་གལ་ཆེན་བཏོན་པས། དངོས་ནས་ཤིན་ཏུ་ལེགས་པོ་རེད། ཁུལ་དང་རྫོང་གི་བཀོད་འདོམས་སྡེ་ཁག་གིས་རིམ་བཞིན་སྟོབས་ཤུགས་བསྡུས་ཏེ་མཐུན་སྦྱོར་གང་ལེགས་གནང་བཞིན་ཡོད་ཅིང་། ད་དུང་ཡང་མུ་མཐུད་དུ་འཐུས་ཚང་ལེགས་སྒྲིག་བྱེད་བཞིན་ཡོད་པས་འཆམ་མཐུན་བརྟན་འཇགས་ཀྱི་སྤྱི་ཚོགས་རྣམ་པ་བསྐྲུན་ཡོད་པས་རང་ཁུལ་གྱི་གནས་ཚུལ་རྩ་བའི་སྟེང་བརྟན་འཇགས་ཡིན་པ་རེད།
ད་ལྟའི་ལས་འགན་གཙོ་བོ་ནི་འགོག་སྲུང་ནན་མོ་བྱ་རྒྱུ་དེ་ཡིན། འདིར་བཤད་པའི་འགོག་སྲུང་ནི་ནན་འགོག་དང་སྲུང་སྐྱོབ་ལ་ཟེར་བ་ཡིན། དོན་དག་འདིར་རྫོང་རིམ་པ་ནས་འགན་གཙོ་བོར་འཁུར་དགོས་ཏེ། གལ་སྲིད་གནད་དོན་བྱུང་ཚེ་སུས་ཀྱང་འགན་མི་ཐེག་པ་ཡིན། སུའི་ཕྱོགས་ནས་ཡོང་ཚེ་དེས་ཡུལ་མི་སྤུན་ཟླར་ཁྲེལ་མེད་བྱས་པ་རེད། དེ་བས་འགོག་སྲུང་ནན་མོ་བྱ་དགོས།
ད་ལྟ་ད་དུང་ཡང་ཉེན་ཁ་ཆེ་བའི་མི་ཁ་ཤས་ཡོད་པ་རེད། དེ་ནི་ཉེ་ཆར་ཕ་ཡུལ་དུ་ལོག་པའི་མི་སྣ་དག་རེད། འདི་དག་ལ་གཅིག་ནས་ཁ་པར་སོགས་བརྒྱུད་ནས་དྲིལ་སྒྲོག་བྱས་ཏེ་རང་རྟོགས་སྒོས་ཐོ་འགོད་པ་དང་རང་རྟོགས་སྒོས་ཁྱིམ་ནས་ལྟ་རྟོག་བྱེད་དགོས། གཉིས་ནས་སྲང་ལམ་དོན་གཅོད་ཁང་རིམ་པས་བཀོད་འདོམས་ལས་ཁུངས་ཀྱི་འགན་ཁུར་བ་དང་། ཏང་ཀྲི་པུའུ་ཡིས་གཡུལ་འཐབ་འཛིང་རགས་ཀྱི་ནུས་པ་འདོན་པ། ཏང་ཡོན་མི་སྣས་གཙོ་བོ་བྱས་ཏེ་མང་ཚོགས་སྐུལ་སློང་གིས་མཉམ་དུ་སྔོན་འགོག་ཚོད་འཛིན་དང་མཉམ་དུ་ཚོད་འཛིན་སྨན་བཅོས་བྱ་དགོས། དོན་དག་ཡོད་ཚེ་ང་ཚོས་བྱ་བ་སྒྲུབ། དོན་དག་མེད་ཚེ་ང་ཚོས་སྦྱོང་བརྡར་བྱ། དོགས་ཟོན་ནན་མོ་བྱས་ཚེ་ནོར་འཛོལ་ཅི་ཡང་འབྱུང་མི་སྲིད། རིམ་པ་སོ་སོའི་འགན་ཁུར་མི་སྣས་དྲ་རྒྱའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་ཕན་ཚུན་འབྲེལ་གཏུག་གང་ལེགས་བྱ་དགོས། ཁ་པར་གྱིས་བསྒྲུབ་ཐུབ་པའི་དོན་དག་ཡོད་ཚད་ལ་ཚོགས་འདུ་བསྡུས་ནས་ཡིག་ཆ་མི་བཀྲམ་པར་ཞུ། འདི་ལྟར་བྱས་ཚེ་ད་གཟོད་ལས་ཆོད་མཐོ་ཞིང་ནུས་ཤུགས་གསོག་འཇོག་བྱ་ཐུབ་ལ། མ་དངུལ་ཀྱང་གྲོན་ཆུང་བྱ་ཐུབ་བོ།།
ཝོས་ཏུའུ་ཅུན་གྱིས།
༢༠༢༠.༠༡.༢༩