【双语党课连连看⑧】党员义务
分类:玉树新闻

  尊敬的网友:

  为更好的服务于“不忘初心、牢记使命”主题教育工作,落实“对照党章党规找差距”和十九届四中全会有关要求,推动基层党组织和广大党员学好用好党章,玉树州委宣传部于12月2日开始,在玉树新闻网、玉树发布微信公众号连续推出34集藏汉双语微视频——《党章知识选粹》,以全新视角系统解读《党章》的深刻内涵,希望广大党员干部浏览阅读、学习领会。

  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལས་གཞག་སྤྱིའི་བཀོད་སྒྲིག

  中国特色社会主义事业总体布局

  ཚང་མས་འོས་འགན་ཞེས་པ་ནི་ཤེས་གསལ་ལྟར་དུ་རེད། སྤྱི་དམངས་ཞིག་ཡིན་ཕྱིར། ང་ཚོའི་ཕྲག་ལ་ཁྱིམ་གྱི་འོས་འགན་དང་ལས་ཁུངས་ཀྱི་འོས་འགན། རྒྱལ་ཁབ་དང་། སྤྱི་ཚོགས་ཀྱི་འོས་འགན་ཡོད་པ་རེད། འདི་དག་ནི་མ་དཀྱིས་མ་ཞིག་གི་འོས་འགན་དེ་རེད། ཏང་ཡོན་གྱི་འོས་འགན་ནི་ཏང་ཡོན་གྱིས་ཏང་ལ་འཁུར་དགོས་པའི་འགན་འཁྲི་ཡིན་པས། ཁྱོད་ཀྱི་ཏང་ལོའི་རིང་ཐུང་། གོ་གནས་མཐོ་དམའ། བྱས་རྗེས་ཆེ་ཆུང་འབྲེལ་བ་མེད། གྲོགས་པོ་ཚོ། ཁྱོད་ཀྱིས་གཟི་བརྗིད་ངང་ནས་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་པའི་དུས་དེ་ནས་བཟུང་ངེས་པར་དུ་ཏང་ཡོན་གྱི་འོས་འགན་གཅིག་ཀྱང་མ་ལུས་པ་བསྒྲུབ་དགོས། འོ་ན། ཏང་ཡོན་གྱིས་འོས་འགན་གང་དག་བསྒྲུབ་དགོས་པ་དེ་ཁྱོད་ཀྱིས་ཤེས་སམ། ཏང་གི་སྒྲིག་ཡིག་གི་དོན་ཚན་གསུམ་པའི་ནང་ཏང་ཡོན་གྱིས་ངེས་པར་དུ་འོས་འགན་བརྒྱད་ལག་བསྟར་བྱ་དགོས་ཞེས་གསུངས། གཅིག ནན་ཏན་གྱིས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ལ་སློབ་སྦྱོང་དང་། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། གྲོས་ཆོད་བཅས་ལ་སློབ་སྦྱོང་། ཏང་གི་གཞི་རྩའི་ཤེས་བྱ་ལ་སློབ་སྦྱོང་། ཚན་རིག་དང་། རིག་གནས། བཅའ་ཁྲིམས། ལས་སྒོའི་ཤེས་བྱ་བཅས་ལ་སློབ་སྦྱོང་བྱས་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་གཏོང་དགོས། གཉིས། ཏང་གི་གཞི་རྩའི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་ཁག་ལག་ལེན་མཐར་ཕྱིན་བསྟར་བ་དང་། བཅོས་བསྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་སྣེ་ཁྲིད་འོག་ནས། མང་ཚོགས་ལ་སྐུལ་ཁྲིད་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ཡོང་བར་དཀའ་སྤྱད་འབད་བརྩོན་བཅས་བྱས་ཏེ་ཐོན་སྐྱེད་དང་། ལས་ཀ སློབ་སྦྱོང་། སྤྱི་ཚོགས་ཀྱི་འཚོ་བ་བཅས་ཀྱི་ནང་ནས་གདོང་ལེན་མིག་དཔེའི་ནུས་པ་འདོན་དགོས། གསུམ། ཏང་དང་མི་དམངས་ཀྱི་ཁེ་ཕན་དེ་ཆེས་ཚད་མཐོ་བར་འཛིན་ནས། སྒེར་གྱི་ཁེ་ཕན་གྱིས་ཏང་དང་མི་དམངས་ཀྱི་ཁེ་ཕན་ལ་བསྟུན་པ་རྒྱུན་འཁྱོངས་བྱས་ཏེ། དཀའ་བ་སྔོན་ལ་མྱོང་བ་དང་། བདེ་བ་རྗེས་སུ་རོལ་བ། རང་སྐྱོན་རང་སེལ་དང་བྱས་རྗེས་གང་མང་འཇོག་པ་བཅས་བྱེད་དགོས། བཞི། ཏང་གི་སྒྲིག་ཁྲིམས་ནན་པོར་སྲུང་བ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་གསང་དོན་དམ་དུ་སྲུང་བ། ཏང་གི་ངེས་དོན་ལ་ཁས་ལེན་དང་། རྩ་འཛུགས་ཀྱིས་བཀོད་སྒྲིག་ལ་དང་ལེན་བཅས་བྱས་ནས་ཏང་གི་ལས་འགན་ལེགས་འགྲུབ་བྱ་དགོས། ལྔ། ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་སྲུང་སྐྱོང་བྱས་ནས་ཏང་ལ་ལྷག་བསམ་རྣམ་དག་དང་ཁ་ཞེ་གཉིས་མེད་བྱེད་པ་དང་། ཕྱོགས་ཁག་གི་རྩ་འཛུགས་དང་ཚོགས་པ་ཆུང་ངུའི་བྱ་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། མངོན་བརྩི་ལྐོག་འགལ་གྱི་གཡོ་སྒྱུའི་སྤྱོད་ཚུལ་དང་ལྐོག་གཡོ་ངན་ཇུས་མཐའ་དག་ལ་ངོ་རྒོལ་བྱེད་དགོས། དྲུག སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཏན་ཏིག་བྱས་ནས་ལས་ཀའི་ནང་གི་སྐྱོན་ཆ་དང་ནོར་འཁྲུལ་ལ་ཐེར་འདོན་དང་ཡོ་བསྲང་བྱེད་ཕོད་པ་དང་། སྒྱིད་ལུག་དང་རུལ་སུངས་སུ་གྱུར་པའི་སྣང་ཚུལ་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱ་དགོས། བདུན། མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱས་ཏེ་མང་ཚོགས་ལ་ཏང་གི་འདོད་ཚུལ་དྲིལ་བསྒྲགས་དང་། དོན་དག་བྱུང་ཚེ་མང་ཚོགས་དང་གྲོས་བསྡུར་བྱེད་རྒྱུ། མང་ཚོགས་ཀྱི་བསམ་འཆར་དང་རེ་འདུན་དུས་ཐོག་ཏུ་ཏང་ལ་སྙན་སེང་ཞུ་བ། མང་ཚོགས་ཀྱི་ལུགས་མཐུན་ཁེ་ཕན་བཅས་སྲུང་སྐྱོང་བྱ་དགོས། བརྒྱད། སྤྱི་ཚོགས་རིང་ལུགས་ཀྱི་དར་སྲོལ་གསར་པ་དེ་དར་སྤེལ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྣེ་ཁྲིད་དེ་ལག་ལེན་བསྟར་བ། གུང་ཁྲན་རིང་ལུགས་ཀྱི་ཀུན་སྤྱོད་དར་སྤེལ་བཅས་བྱས་ཏེ། རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་ཆེད་དཀའ་ངལ་དང་ཉེན་ཁ་མཐའ་དག་གི་སྐབས་སུ་དཔའ་ངར་ཆེར་བསྐྱེད་ཀྱིས་ཕྱིར་ཐོན་ཏེ་དཔའ་ངར་ཆེན་པོས་འཐབ་རྩོད་དང་རང་སྲོག་བློས་གཏོང་བར་མི་སྐྲག་པ་བྱ་དགོས།འདི་ནས་གནད་དོན་ཞིག་ཐོན་བྱུང་། གྲ་སྒྲིག་ཏང་ཡོན་གྱིས་ཀྱང་འོས་འགན་འདི་དག་ལག་བསྟར་བྱེད་དགོས་སམ། དྲིས་ལན་ནི་ལག་བསྟར་བྱེད་དགོས་སོ།། ཏང་གི་སྒྲིག་ཡིག་གི་དོན་ཚན་བདུན་པའི་ནང་གྲ་སྒྲིག་ཏང་ཡོན་གྱི་འོས་འགན་ནི་ཏང་ཡོན་ངོ་མ་དང་འདྲ་བར་ཏང་ཡོན་གྱི་འོས་འགན་ནན་ཏན་གྱིས་སྒྲུབ་པ་དང་། ཏང་ཡོན་གྱི་ཆ་རྐྱེན་འཛོམས་ན་ད་གཟོད་དུས་ལྟར་ཏང་ཡོན་ངོ་མར་བསྒྱུར་ཆོག དེ་མིན་ན་ཚར་རོ། ཏང་ཡོན་གྱི་འོས་འགན་ནི་ཏང་ཡོན་ལ་བཏོན་པའི་གཞི་རྩའི་བླང་བྱ་ཡིན་པ་དང་།  ཏང་ཡོན་ཚད་ལྡན་ཡིན་མིན་བསྡུར་ཞིབ་བྱེད་པའི་བྱེ་བྲག་གི་ཚད་གཞི་ཡང་ཡིན།  ང་ཚོ་ཏང་ཡོན་ཚང་མས་འོས་འགན་བརྒྱད་དེ་མེ་ལོང་ཞིག་ཏུ་བརྩིས་ཏེ།  རྒྱུན་དུ་རང་ཉིད་ཀྱི་གཏམ་སྤྱོད་ལ་ལྟ་སྡུར་ཞིབ་བཤེར་བྱེད་དགོས་པ་དང་།  རྒྱུན་དུ་ལེགས་བཅོས་རྒྱུན་འཁྱོངས་བྱེད་དགོས་ཤིང་།  དངོས་སུ་ཚད་ལྡན་ཏང་ཡོན་བྱེད་དགོས་ལ།  ཕུལ་བྱུང་ཏང་ཡོན་བྱེད་གང་ཐུབ་བྱེད་དགོས།

  说起义务大家都不陌生,作为公民,我们每个人肩上都有对家庭,对单位、对国家、对社会的责任,这些责任就是义务,党员的义务就是党员对党应尽的责任,不管你党龄长短、职务高低、贡献大小,小伙伴们,从你光荣地加入中国共产党那一刻起,都必须无一例外的履行党员义务,那么,党员要履行哪些义务你知道吗?党章第三条规定,党员必须履行八项义务。一,认真学习马克思列宁主义、毛泽东思想、邓小平理论、三个代表重要思想和科学发展观,学习党的路线、方针、政策和决议,学习党的基本知识,学习科学、文化、法律和业务知识努力提高为人民服务的本领。二,贯彻执行党的基本路线和各项方针政策,带头参加改革开放和社会主义现代化建设,带动群众为经济发展和社会进步艰苦奋斗,在生产、工作、学习和社会生活中起先锋模范作用。三,坚持党和人民的利益高于一切,个人利益服从党和人民的利益,吃苦在前、享受在后、克己奉公、多做贡献。四,自觉遵守党的纪律,模范遵守国家的法律法规,严格保守党和国家的秘密,执行党的绝定、服从组织分配、积极完成党的任务。五,维护党的团结和统一对党忠诚老实、言行一致,坚决反对一切派别组织和小集团活动,反对阳奉阴违的两面派行为和一切阴谋诡计。六,切实开展批评和自我批评,勇于揭露和纠正工作中的缺点、错误,坚决同消极腐败现象作斗争。七,密切联系群众向群众宣传党的主张,遇事同群众商量,及时向党反映群众的意见和要求,维护群众的正当利益。八,发扬社会主义新风尚,带头实践社会主义荣辱观,提倡共产主义道德,为了保护国家和人民的利益在一切困难和危险的时刻挺身而出、英勇斗争、不怕牺牲。问题来了,预备党员也要履行这些义务吗?答案是肯定的,党章第七条规定预备党员的义务同正式党员一样,只有认真履行党员义务,具备党员条件的才能按期转为正式党员,否则。党员的义务是对党员的基本要求,是衡量党员是否合格的具体标准,我们每一名党员都要把八项义务作为一面镜子,经常对照检查自己的言行,坚持持续改进,真正做合格党员,努力争做优秀党员。

上一篇:称多拉布乡召开今冬明春重点工作安排部署会
下一篇:澜沧江源地区 发现13世纪古壁画 或助推青藏高原先民活动研究
热门排行
精彩图文