【防疫知识】怎么洗手?
分类:果洛新闻 青海省藏医院订阅号

【防疫知识】怎么洗手?

  怎么洗手?

  在餐前便后、外出回家、接触垃圾、抚摸动物后要记得洗手;洗手时,要注意用流动的水和使用肥皂或皂液洗手,揉搓的时间不少于15秒。为了方便记忆,揉搓步骤简单归纳为七字口诀:“内—外—夹—弓—大—立—腕”,内:掌心对掌心,相互揉搓。外:掌心对手背,两手交叉揉搓。夹:掌心对掌心,十指指交叉揉搓。弓:十指弯曲紧扣,转动揉搓。大:拇指握在掌心,转动揉搓。立:指尖在掌心揉搓。腕:清洁手腕。

【防疫知识】怎么洗手?

  ལག་པ་ཇི་ལྟར་བཀྲུ་བ་ཡིན།

  ཟ་མའི་སྔོན་དང་སྤྱོད་ཁང་རྗེས། ཕྱི་ནས་ཁྱིམ་ལ་ལོག་པ། གད་སྙིགས་དང་སྲོག་ཆགས་ལ་རེག་པའི་རྗེས་སུ་ཅིས་ཀྱང་ལག་པ་བཀྲུ་དགོས། ལག་པ་ཆུ་བཞུར་གྱིན་པའི་ནང་དུ་བཀྲུ་བ་དང་། བཀྲུ་བའི་སྐབས་སུའང་འདག་རྫས་དང་འདག་གཤེར་གྱི་རིགས་སྤྱད་དེ་བཀྲུ་དགོས་པ་མ་ཟད། སྐར་ཆ་༡༥རིང་ལ་ལག་པ་གཡས་གཡོན་འཕུར་མཉེད་བྱེད་ཅིང་། བློར་འཛིན་བདེ་བའི་ཆེད་དུ། ལག་པ་འཕུར་དུས་སུ་༼ནང་། ཕྱི། བཙིར། དགང་། ཆེ། ལངས། མཁྲིག༽་ཀྱི་ཡིག་འབྲུ་བདུན་མའི་འགྲོས་ལྟར་བཀྲུ་དགོས་ལ། དེ་ལས་ནང་ནི་ལག་མཐིལ་ཕན་ཚུན་བར་ལ་འཕུར་ཞིང་། ཕྱི་ནི་གཅིག་གི་ལག་མཐིལ་ལ་གཅིག་གིས་ལག་རྒྱབ་བཞག་ནས་འཕུར་མཉེད་བྱེད་པ། བཙིར་ནི་ལག་མཐིལ་གཉིས་གཅིག་གཅིག་ལ་འཕྲོད་པའི་སྟེང་དུ་མཛུབ་གུ་བཅུ་བོ་སྡེབ་ནས་འཕུར་མཉེད་བྱེད་པ། དགང་ནི་མཛུབ་གུ་བཅུ་བོ་དམ་དུ་བཟུང་ནས་གཅུ་ཞིང་བསྐོར་བ། ཆེ་བ་ནི་མཐེ་ཆེན་ནམ་མཐེ་བོང་ལག་མཐིལ་དུ་བཞག་ནས་གཅུ་ཞིང་བསྐོར་བ། ལངས་ནི་མཛུབ་སྣེ་ལག་མཐིལ་དུ་བཞག་ནས་འཕུར་མཉེད་བྱེད་པ། མཁྲིག་ནི་མཁྲིག་མར་གཙང་དག་བྱེད་པ་བཅས་སོ། །

  

  

上一篇:亲自指挥亲自部署!一条时间轴纵览习近平的战“疫”日志
下一篇:【“疫”线故事】雪域高原防疫热血尖兵
热门排行
精彩图文