果洛州新型冠状病毒感染的肺炎疫情防控处置工作指挥部通告 (第6号)
分类:果洛新闻

  

༄༅། །མགོ་ལོག་ཁུལ་ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་བཀོད་འདོམས་པུའི་བརྡ་ཁྱབ།

༼ཨང ༦ པ༽

  རླངས་འཁོར་དང་མི་སྣ་ཤར་བགྲོད་ཀྱི་སྒུག་ཡུན་གྲོན་ཆུང་བྱས་ཏེ། སྔར་ལས་ཇེ་མགྱོགས་དང་ནུས་ལྡན་སྒོས་ཤར་བགྲོད་དགོས་མཁོ་མངོན་འགྱུར་ཡོང་ཆེད། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་གྱིས་འཕྲལ་མར་ལག་རྩལ་མི་སྣ་སྐོང་འཐེན་བྱས་ནས། བགྲོད་ལམ་རིམས་བཤེར་འགག་སྒོའི་མི་སྒེར་ཆ་འཕྲིན་རང་འདེགས་ཐོ་འགོད་མ་ལག༼རིམས་ནད་ཆེད་སྤྱོད༽གསར་སྤེལ་བྱས་ཡོད། མགོ་ལོག་ཁུལ་ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བཀོད་འདོམས་པུས། ཟླ ༢ ཚེས ༩ ཉིན་གྱི་ཆུ་ཚོད ༡༦ ནས་བཟུང་། ཁུལ་ཡོངས་ཀྱི་བགྲོད་ལམ་རིམས་བཤེར་འགག་སྒོར་ཁྱོན་ཡོངས་ནས་སྤྱོད་འགོ་ཚུགས་རྒྱུའི་ཐག་གཅོད་བྱས་པ་ཡིན། ད་ལྟ་འབྲེལ་ཡོད་དོན་དག་སྐོར་གྱི་བརྡ་ཁྱབ་གཤམ་གསལ་ལྟར།

  ཁ་ལོ་བ་དང་འགྲུལ་པ་རྣམས་ཀྱིས་ལག་ཁྱེར་ཁ་པར་གྱི་རྩ་གཉིས་ཨང་རྟགས༼རྗེས་ཀྱི་ཟུར་བཀོད༽ངོས་འཛིན་བརྒྱུད། མི་སྒེར་ཆ་འཕྲིན་ཐོ་འགོད་གྱི་ནང་ངོས་སུ་འཛུལ་ཏེ། གསལ་འདེབས་ནང་བཞིན་ནང་དོན་རེ་རེ་བཞིན་འབྲི་དགོས།༼རླངས་འཁོར་གྱི་ཨང་རྟགས། ཡོང་སའི་གནས། དམིགས་སའི་གནས། ཧུའུ་པེ་ནས་ཡོང་མིན་དང་ལམ་བར་ནས་ཧུའུ་པེ་བརྒྱུད་ཡོད་མེད། རུས་མིང་། ཐོབ་ཐང་ཨང་གྲངས། ལག་ཁྱེར་ཁ་པར་གྱི་ཨང་གྲངས།༽ ཆབས་ཅིག་མིའི་ངོ་གདོང་གི་ཆ་འཕྲིན་འཚོལ་བསྡུ་བྱས་ནས་ཉར་ཚགས་བྱེད་དགོས་པ་མ་ཟད། ལྷན་དུ་རླངས་འཁོར་ལ་བསྡད་ཡོད་པའི་མི་སྣའི་ཆ་འཕྲིན་ཐོ་འགོད་བྱེད་དགོས། འགག་སྒོར་ཐོན་རྗེས་ལུས་དྲོད་འཇལ་བའི་དུས་མཉམ་དུ། ལས་བྱེད་མི་སྣས་འཁོར་རྟགས་ཨང་གྲངས་ལ་བརྟེན་ནས་ཆ་འཕྲིན་ཕྱིར་ལེན་བྱས་ཏེ། ནོར་འཛོལ་མེད་པ་གཏན་འཁེལ་བྱས་རྗེས་འགྲོ་སྐྱོད་བྱེད་ཆོག་པ་ཡིན།

  ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚང་མས་ཤེས་རྟོགས་དང་དྲིལ་བསྒྲགས་རྒྱ་ཁྱབ་གནང་རྒྱུ་སྐུ་མཁྱེན།

  ཚེ་བརྟན་རྡོ་རྗེ།

  འབྲེལ་གཏུག་ཁ་པར། 17809757227

  མགོ་ལོག་ཁུལ་ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་བཀོད་འདོམས་པུའུ།

  ༢༠༢༠ ལོའི་ཟླ ༢ ཚེས ༩ ཉིན།

果洛州新型冠状病毒感染的肺炎疫情防控处置工作指挥部通告

(第6号)

  为节省通行车辆和人员的等待时间,实现更快捷、更高效的通行需求,青海省公安厅紧急抽调技术人员开发了道路检疫卡口个人信息自助登记系统(疫情专用)。经果洛州新型冠状病毒感染的肺炎疫情防控处置工作指挥部决定,从2月9日16时起在全州道路检疫卡口全面铺开使用。现就有关事项通告如下:

    司乘人员通过手机扫描识别二维码(附后)进入个人信息登记界面,根据提示逐一填写内容(包括车牌号、出发地、目的地、是否来自或途经湖北、姓名、身份证号、手机号码),同步采集人脸信息,点击保存并登记同车人员信息,到达卡口测体温的同时,工作人员通过车牌号码调取信息确认无误即可通行。

  望全州各族干部群众周知并广泛宣传。

  联系人:才旦多杰

  联系电话:17809757227

  果洛州新型冠状病毒感染的肺炎疫情

  防控处置工作指挥部

  2020年2月9日

果洛州新型冠状病毒感染的肺炎疫情防控处置工作指挥部通告 (第6号)

  

上一篇:省扶贫开发工作领导小组会议召开 王建军主持 刘宁出席
下一篇:凝聚众志成城抗疫情的强大力量
热门排行
精彩图文