【汉藏双文】果洛州新型冠状病毒感染的肺炎疫情防控处置工作指挥部公告 (第4号)
分类:果洛新闻

  

མགོ་ལོག་ཁུལ་ཏོག་དབྱིབས་ནད་དུག་གསར་པ་འགོ་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་བཀོད་འདོམས་པུའི་སྤྱི་བསྒྲགས།

༼ཨང ༤ ༽ 

ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་རྣམ་པ།

  ནུས་ཤུགས་ཡོད་རྒུས་རང་རེའི་ཁུལ་གྱི་ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ་དང་། མི་ཚོགས་འདུ་འཛོམས་ལས་བྱུང་བའི་འགོ་ནད་ཉེན་ཁར་གཡོལ་བ། རང་རེའི་ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་བདེ་ཐང་བདེ་འཇགས་ལ་འགན་ལེན་བཅས་བྱ་ཆེད། ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་རིམ་པ་དང་པོའི་དང་ལེན་གྱི་འབྲེལ་ཡོད་གཏན་འབེབས་དང་ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་དོན་བཀོད་འདོམས་པུའི་བླང་བྱ་ལྟར། མགོ་ལོག་གནམ་གྲུ་ཐང་གི་དུས་གཏན་གནམ་གྲུ་གནས་སྐབས་སུ་གཏོང་མཚམས་བཞག་པ་ཡིན་ལ། ད་ལྟ་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ་ལྟར།

  གཅིག ༢༠༢༠ ལོའི་ཟླ ༢ ཚེས ༣ ཉིན་ནས་བཟུང་། མགོ་ལོག་གནམ་གྲུ་ཐང་གི་དུས་གཏན་གནམ་གྲུ་ཚང་མ་གནས་སྐབས་སུ་གཏོང་མཚམས་བཞག་པ་ཡིན་ལ། གནམ་གྲུ་འཕུར་གཏོང་གི་དུས་ཚོད་སླར་གསོའི་བརྡ་ཐོ་ལོགས་སུ་བྱ་རྒྱུ་ཡིན། སྐུ་ཉིད་ཀྱི་འགྲོ་སྐྱོད་ལ་འཐུས་ཤོར་མི་འབྱུང་བའི་ཆེད་དུ། སྔ་ས་ནས་སྤ་སེ་གཏོང་ཡུལ་ལ་འབྲེལ་བ་བྱས་ནས་སྤ་སེ་ཕྱིར་སློག་དང་སྒྱུར་གཉེར་གྱི་འགྲོ་ལུགས་སྒྲུབས་རོགས།

  ཀྲུང་གོའི་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་གཞུང་ཕྱོགས་ཞབས་ཞུའི་ཁ་པར། 95530

  མགོ་ལོག་གནམ་གྲུ་ཐང་གི་འདྲི་རྩད་ཁྲུའི་ཁ་པར། 0975-835888

  གཉིས། སྐུ་ཉིད་དང་ཁྱིམ་མིའི་བདེ་ཐང་གི་ཆེད་དུ། འགྲོ་སྐྱོད་བྱ་རྒྱུ་ཇེ་ཉུང་དུ་གཏོང་དགོས་ལ། ངེས་པར་དུ་འགྲོ་སྐྱོད་བྱ་དགོས་ཚེ། འགོག་སྲུང་ཐབས་ལམ་ཡག་པོ་སྤྱོད་དགོས།

མགོ་ལོག་ཁུལ་ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བཀོད་འདོམས་པུའུ།
༢༠༢༠ ལོའི་ཟླ ༢ ཚེས ༢ ཉིན།

  

果洛州新型冠状病毒感染的肺炎疫情防控处置工作指挥部公告
(第4号)
全州各族干部群众:

  为全力做好我州新型冠状病毒感染的肺炎疫情预防工作,有效避免人群聚集可能带来的传染风险,确保我州各族干部群众健康安全,根据重大突发公共卫生事件一级响应有关规定和新型冠状病毒感染的肺炎疫情防控处置工作指挥部要求,果洛机场航班临时取消,现公告如下:

  一、自2020年2月3日起果洛机场所有航班临时取消,恢复通航时间另行通知,为了不耽误您的出行,请提前联系出票方办理退改签手续。

  中国东方航空公司官方客服电话:95530

  果洛机场问询处电话:0975-835888

  二、为了您和家人的健康,尽量减少出行,确需出行的,请做好防护措施。

  果洛州新型冠状病毒感染的肺炎疫情防控处置工作指挥部

  2020年2月2日

  

上一篇:果洛州缓办喜事、简办丧事、停办各类聚集性餐饮活动倡议书
下一篇:州委书记武玉嶂调研州人民医院 和市场供应及粮油储备
热门排行
精彩图文