【汉藏双文】州委书记武玉嶂检查玛沁县“扫黑除恶”专项斗争宣传工作
分类:果洛新闻

  ༄༅། །ཁུལ་ཨུའི་ཧྲུའུ་ཅི་བུའུ་ཡུས་ཀྲང་གིས་རྨ་ཆེན་རྫོང་གི"ནག་སེལ་ངན་འཇོམས"ཆེད་དོན་འཐབ་རྩོད་ཀྱི་དྲིལ་བསྒྲགས་ལས་དོན་ཐད་ལ་ཞིབ་བཤེར་གནང་བ།

  州委书记武玉嶂检查玛沁县“扫黑除恶”专项斗争宣传工作

  ཟླ ༦ ཚེས ༩ ཉིན། ཁུལ་ཨུའི་ཧྲུའུ་ཅི་བུའུ་ཡུས་ཀྲང་སྔ་གཞུག་ཏུ་ཁུལ་མི་རིགས་ཚོང་དོན་ཁྲོམ་ར་དང་། ཁུལ་མི་དམངས་སྨན་ཁང་། རྨ་ཆུའི་ལམ་གྱི་ལྷོ་ཕྱོགས་སྡེ་ཁུལ། ཅིན་ཧྥུན་མགྲོན་ཁང་བཅས་ལ་བསྐྱོད་དེ། རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་གྱི"ནག་སེལ་ངན་འཇོམས"ཆེད་དོན་འཐབ་རྩོད་ཀྱི་དྲིལ་བསྒྲགས་ལས་དོན་ཐད་ལ་ཡུལ་དངོས་ཞིབ་བཤེར་གནང་། ཁུལ་རིམ་པའི་མགོ་ཁྲིད་དོན་འགྲུབ་དང་། ཀྲང་ཤིན་བུན། ཐེན་ཤེས། བློ་གྲོས་རྣམ་རྒྱལ་སོགས་ཀྱིས་ཕེབས་རོགས་གནང་ཞིང་། ཁུལ་ཨུའི་གཞུང་ལས་ཁང་། ཁུལ་ཨུའི་སྲིད་ཁྲིམས་ཨུ་ལྷན། ཁུལ་ཨུའི་དྲིལ་བསྒྲགས་པུའུ། ཁུལ་སྤྱི་བདེ་ཅུས། རྨ་ཆེན་རྫོང་སོགས་འབྲེལ་ཡོད་སྡེ་ཁག་དང་ས་ཁུལ་གྱི་འགན་འཁུར་བློ་མཐུན་དང་མཉམ་དུ་ཕེབས།

  6月9日,州委书记武玉嶂先后前往州民族商贸市场、州人民医院、黄河路南社区和锦峰酒店,实地检查玛沁县大武镇“扫黑除恶”专项斗争宣传工作。当周、张新文、田旭、洛珠南杰等州级领导随同,州委办、州委政法委、州委宣传部、州公安局及玛沁县等部门和相关地区负责同志随行。

【汉藏双文】州委书记武玉嶂检查玛沁县“扫黑除恶”专项斗争宣传工作

  བུའུ་ཡུས་ཀྲང་གིས་བསྟན་དོན། "ནག་སེལ་ངན་འཇོམས"ཆེད་དོན་འཐབ་རྩོད་ནི་ས་ཁུལ་བཅོས་སྒྱུར་འཕེལ་རྒྱས་བརྟན་ལྷིང་དང་འབྲེལ་བའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་ལ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་ཡང་དང་བསྐྱར་དུ་མཐོང་ཆེན་དང་། ཡང་དང་བསྐྱར་དུ་དོན་འཁྱོལ། ཡང་དང་བསྐྱར་དུ་ནུས་ཤུགས་བཏོན་ཏེ། འཐབ་རྩོད་བྱེད་ཕོད་པའི་ངར་ཤུགས་འདོན་དགོས། "ནག་སེལ་ངན་འཇོམས"ཆེད་དོན་འཐབ་རྩོད་ཀྱི་གོ་སྐབས་དམ་འཛིན་བྱས་ནས། གཞི་རིམ་ཏང་འཛུགས་སྐྱོང་དང་། སྤྱི་ཚོགས་བཅོས་སྐྱོང་། མི་རིགས་མཐུན་སྒྲིལ། ས་ཁུལ་བརྟན་ལྷིང་སོགས་ཀྱི་ཐད་ལ་སྔར་བས་མཐོར་འདེགས་ཡོང་དགོས།

  武玉嶂指出,“扫黑除恶”专项斗争是一项涉及地区改革发展稳定的重大政治任务,全州上下务必要重视重视再重视、落实落实再落实、用力用力再用力,拿出敢于斗争的狠劲儿,紧抓实施“扫黑除恶”专项斗争的机遇,推动基层党建、社会治理、民族团结、地区稳定等方面有更大提升。

【汉藏双文】州委书记武玉嶂检查玛沁县“扫黑除恶”专项斗争宣传工作

  བུའུ་ཡུས་ཀྲང་གིས་ནན་གྱིས་བསྟན་དོན། རིམ་པ་ཁག་གི་ཏང་ཨུ་སྲིད་གཞུང་དང་ཏང་ཡོན་ལས་བྱེད་པས་ཞིང་ཆེན་ཁུལ་ཨུའི་ལས་དོན་བཀོད་སྒྲིག་གཞིར་བཟུང་ཞིང་། ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་ཚོགས་པའི་ལྟ་སྐུལ་མཛུབ་ཁྲིད་ཇུས་གཞིའི་བླང་བྱ་དང་ནང་དོན་གཙོ་བོར་དམིགས་ཏེ། ཞིབ་བསྡུར་ནན་ཏན་དང་། བཀོད་སྒྲིག་ཞིབ་ཚགས། སྐུལ་འདེད་ཏན་ཏིག་བཅས་ཀྱི་སྒོ་ནས། འགན་འཁྲི་དོན་འཁྱོལ་གྱིས་འགན་འཁུར་ཕོད་པ། དོན་དངོས་འགན་ལེན་གྱི་འགན་འཁྲི་ཡོད་པ། དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པ་ལས། "ཚོང་བསྐྱུར་ཚོང་དཔོན"ལྟ་བུ་གཏན་ནས་བྱེད་མི་རུང་ལ། "རང་ལ་འབྲེལ་བ་མེད་པའི" ངོས་འཛིན་ནོར་འཁྲུལ་ཅན་ཡང་ཡོད་མི་རུང་། འགན་འཁྲི་དང་ལས་དོན་ཟུང་འབྲེལ་གྱིས། འདུ་ཤེས་འདོན་པ་དང་། འགན་ལེན་འདོན་པ། འགན་འཁྲི་འདོན་པ་བཅས་ཀྱི་སྒོ་ནས། གོང་ནས་འོག་བར་ལ་ཆ་བགོས་འགན་ལེན་དང་རིམ་བགོས་འགན་འཁུར་ལག་བསྟར་བྱེད་དགོས། འགན་འཁྲིའི་ལྡོག་སྐུལ་དོན་འཁྱོལ་གྱིས་ཀྲུང་དབྱང་གི་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་ཀྱི་གྲ་སྒྲིག་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ། "ཕྲེང་ཐག་མི་གཅོད་པ"རྒྱུན་འཁྱོངས་བྱེད་དགོས། དྲིལ་བསྒྲགས་ཁྲིད་སྟོན་ཐད་ལ་རྔ་རྡུང་དར་འཕྱར་དང་བརྗོད་དོན་གཙོ་བོ་མངོན་གསལ་སྒོས། གཙོ་གནད་ཁྱབ་ཁོངས་ཡོངས་སུ་ཁྱབ་པ། སིལ་ཐོར་གྱི་དྲིལ་བསྒྲགས་ཐར་ཐོར་ལ་གཡོལ་བར་བྱེད་དགོས། ད་དུང་དྲིལ་བསྒྲགས་བརྒྱུད་ནས་ཏང་ཨུ་སྲིད་གཞུང་གི་ཆོད་སེམས་དང་། ཡིད་ཆེས། ཤུགས་ཚད་བཅས་མངོན་པར་བྱེད་དགོས་པ་མ་ཟད། བསམ་བློའི་ཐོག་ངོས་འཛིན་དང་གུས་སྐྲག་ཡོད་པ། དོན་འཁྱོལ་ཐོག་སྐུལ་སློང་རྒྱ་ཁྱབ་དང་ནང་ཞུགས་ཐུབ་པ་བཅས་བྱེད་དགོས། ས་ཁུལ་ལས་རིགས་སྡེ་ཁག་གི་ནག་སེལ་ངན་འཇོམས"ཐིག་གཏོར"ཐད་ལ་འབད་བརྩོན་ནན་མོ་སྒོས། ཁུངས་སྣེ་ཞིབ་བཤེར་ནན་མོ་བྱེད་པ་ནས་མགོ་ཚུགས་ཏེ། མང་ཚོགས་དང་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་བཞིན་པའི་ལས་རིགས་ལ་དམིགས་ནས། ནང་གནས་གནད་དོན་ལ་ཞིབ་བཤེར་ཞིབ་ཚགས་དང་མངོན་མེད་བཅོས་སྐྱོང་གི་དཀའ་གནད་སྔོག་འདོན་གཏིང་ཟབ་བྱེད་དགོས་ལ། ལས་རིགས་ནང་ཁུལ་གྱི་ལྐོག་གྱུར་དུག་སྐྲན་མཐའ་གཅིག་ཏུ་གཙང་སེལ་བྱས་ཏེ། དོན་དངོས་ཀྱི་ཕན་འབྲས་ལ་བརྟེན་ནས་ཞིབ་བཤེར་ལས་དོན་དོན་འཁྱོལ་བྱེད་དགོས་པར་བསྟན།

  武玉嶂强调,各级党委政府和党员干部要按照省州工作部署,围绕中央督导组下沉督导方案要求和重点内容,认真对照,细致部署,扎实推动,在责任落实上要敢担当,切实扛实责任,强化落实,决不能当“甩手掌柜”,也不能有“事不关己”的错误认识,要把责任与工作结合起来,拿出意识、拿出担当、拿出责任,从上至下实行分片包干、分层负责,以责任倒逼落实,扎实做好迎接中央专项督导各项准备工作,坚决“不掉链子”。在宣传引导上大张旗鼓、主题突出,不仅要重点领域全覆盖,避免碎片化的零小散乱宣传,还要通过宣传展现出党委政府的决心、信心和力度,更要做到在思想上有认识、有敬畏,落实上广动员、齐参与。在地区行业部门扫黑除恶“破零”上要下功夫、动真格,从严查细挖线索入手,围绕群众和社会关注的行业,细致查摆内在问题,深挖潜在的治理难点,坚决打击铲除隐藏在行业内部的毒瘤,用实实在在的成效检验工作落实。

【汉藏双文】州委书记武玉嶂检查玛沁县“扫黑除恶”专项斗争宣传工作

  བུའུ་ཡུས་ཀྲང་གིས་རྟ་བོ་གྲོང་རྡལ་ནི་ཁུལ་སྲིད་གཞུང་གནས་ཡུལ་ཡིན་པས། ལས་དོན་ཁག་ཁུལ་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པའི་བློ་སྤོབས་དང་གདིང་ཤུགས་ལྡན་དགོས་ལ། རྫོང་གྲོང་རྡལ་གྱི་ཏང་ཨུ་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་བསམ་བློའི་ངོས་འཛིན་མཐོ་རུ་བཏང་ནས། མཁར་གྲོང་ཅན་འཛུགས་སྐྲུན་དང"ས་ཁོངས་ཡོངས་གད་སྙིགས་མེད་པ""སྤྱོད་ཁང་གསར་བརྗེ""ཞང་སྡེ་དར་སྤེལ"སོགས་ཀྱི་ལག་བསྟར་ལ་ཟུང་འབྲེལ་སྒོས། མིག་སྔའི་མཁར་གྲོང་འཛུགས་སྐྲུན་དོ་དམ་འཁོར་སྐྱོད་ཁྲོད་གནས་པའི་གནད་དོན་དང་ཞན་ཆར་དམིགས་པ་དང་། ཟི་ལིང་གྲོང་ཁྱེར་སོགས་ས་ཁུལ་གྱི་དོ་དམ་ཉམས་མྱོང་དཔྱད་གཞིར་བཟུང་ནས། ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ནས་མགོ་ཚུགས་དགོས། ལས་ཞོར་དུ་སློབ་སྦྱོང་དང་། བསྒྱུར་ཞོར་དུ་འཛུགས་སྐྲུན་སྒོས། "ལྗང་མདོག་གི་རི་བོ་བཟུང་ནས་ལྷོད་གཡེང་མི་བྱེད"པའི་ཆོད་སེམས་ཀྱིས། འབད་བརྩོན་ཆེན་པོ་དང་དོན་འཁྱོལ་དམ་འཛིན་ནན་མོ་བྱེད་དགོས་ལ། མགྱོགས་མྱུར་སྒོས་ཚན་རིག་ལ་མཐུན་པ། ཚད་ལྡན་ཡིན་པ། ཕན་ནུས་ཡོད་པ་བཅས་ཀྱི་ལས་རྗེས་དོ་དམ་ལམ་ལུགས་ཀྱི་ལམ་སྲོལ་འཛུགས་དགོས། རིགས་དབྱེ་དུམ་ཚན་བགོས་ནས་བཅོས་སྐྱོང་དག་ཐེར་དང་། གནད་བཟུང་ཁྱོན་ཡོངས་དང་དུས་རིམ་ལྟར་སྐུལ་འདེད་སྒོས། ལས་དོན་ཁག་ལ་ཡར་རྒྱས་དང་ཕན་འབྲས་ཐོན་པར་འགན་ལེན་ཡོད་དགོས་པའི་བླང་བྱ་བཏོན།

  武玉嶂要求,大武镇是州府所在地,各项工作要有走在全州前列的魄力和底气。县镇党委政府和相关部门要提高思想认识,把城镇化建设与实施“全域无垃圾”“厕所革命”“乡村振兴”等结合起来,针对当前城镇建设管理运行中存在的问题和短板,借鉴西宁市等地区管理经验,从环境卫生治理入手,边干边学、边改边建,以“咬定青山不放松”的决心,狠下功夫、狠抓落实,尽快建立科学、规范、有效的绩效管理制度机制,分类分片开展治理整顿,以点破面,阶段推进,确保各项工作有起色、见成效。

【汉藏双文】州委书记武玉嶂检查玛沁县“扫黑除恶”专项斗争宣传工作

  ཞིབ་བཤེར་ཁྲོད། བུའུ་ཡུས་ཀྲང་གིས་ལས་རིགས་སྡེ་ཁག་ལ"ནག་སེལ་ངན་འཇོམས"ཆེད་དོན་འཐབ་རྩོད་ཁྲོད་རང་འགུལ་ངང་འགན་འཁྲི་འཁུར་བ་དང་ཧུར་ཐག་གིས་ལས་དོན་སྒྲུབ་དགོས་པ་མ་ཟད། ཁུལ་ཨུའི་ལྟ་བཤེར་ཁང་དང་ཁུལ་ཨུའི་དྲིལ་བསྒྲགས་པུའུ། ཁུལ་སྲིད་ཁྲིམས་ཨུ་ལྷན་སོགས་སྡེ་ཁག་གིས་ལས་རིགས་སྡེ་ཁག་ལ་ལྟ་སྐུལ་ཞིབ་བཤེར་བྱས་ནས། དོན་འཁྱོལ་ལས་དོན་ལ་སྐུལ་འདེད་ནུས་པ་ཐོན་མེད་པའི་ལས་རིགས་སྡེ་ཁག་རེ་ཟུང་ལ་སྐྱོན་ཞིབ་གཏིང་ཟབ་བྱེད་དུ་འཇུག་དགོས་པའི་བླང་བྱ་བཏོན།

  检查中,武玉嶂要求行业部门在“扫黑除恶”专项斗争中要主动担责,积极作为,并安排州委督查室、州委宣传部、州政法委等部门对行业部门进行督查,责令个别推进落实工作不力的行业部门做出深刻检查。

  中央扫黑除恶专项斗争第18督导组进驻青海

  公布举报电话和邮箱

  中央扫黑除恶专项斗争第18督导组进驻期间(2019年6月1日6月30日)设立专门值班电话:0971-6168063、0971-6138682、0971-6139107,专门邮政信箱:西宁市A144号邮政信箱。督导组受理举报电话时间为每天8:00-20:00。此外,全国扫黑办智能化举报平台于日前正式上线公众可以登录网址w.12337.gov.cn进行举报,或扫描二维码提供举报信息。

【汉藏双文】州委书记武玉嶂检查玛沁县“扫黑除恶”专项斗争宣传工作
上一篇:扫黑除恶专项斗争在果洛州藏传佛教界和非公经济领域反响强烈
下一篇:果洛州认真学习省委“不忘初心、牢记使命” 主题教育和“扫黑除恶”专项斗争相关会议精神
热门排行
精彩图文